Amdo dialogues: “Will you help me buy a computer?”
ཁྱོས་ང་ལ་ཀློག་གླད་ཞིག་ཉོ་རོགས་བྱེད་ན་ཨ་ཆོག
Two students talk about buying a computer.
Translation and grammatical notes coming soon. Transcriptions have not been edited – corrections will be made as editing occurs.
Speaker M is a 22-year-old male from near Labrang, speaking; speaker F is from Ri stod ma Township, Gtsos City, in Ganlho Autonomous Prefecture. The male speaker speaks Labrang area nomad dialect; the female speaker speaks with a farmer dialect.
Making Plans: Part 1 Making Plans: Part 2 Making Plans: Part 3M: ཨ་རོགས་ལྷ་མོ། ཁྱོ་དེ་རིང་སློབ་ཁྲིད་ཨེ་ཡོད།
Hey, Lhamo. Do you have a class today?
F: ང་ད་ནངས་ནང་དུས་སློབ་ཁྲིད་ཁུ་རི་ཟིག་མིན་ད་མེད།
I don’t have more than one class this morning.
NOTES:
མིན་ད་མེད is the same as མིན་ནིས་མེད་ but a more rong-bo style
M: སློབ་ཁྲིད་ཁུ་རི་མོ་སུ་ཟིག་གི་སློབ་ཁྲིད་རེད།
That one class, whose class is it?
NOTES:
Some people would say yin rather than red.
F: དགེ་རྒན་ལྕག་ཐར་རྒྱལ་གི་སློབ་ཁྲིད་རེད།
It’s Teacher Lcag thar rgyal’s class.
M: ཨོ་། དགེ་རྒན་ལྕག་ཐར་རྒྱལ་གི་ཁྱོ་ཆའོ་ཆི་ཟིག་ཁྲིད་གོ་ནི་རེད།
Oh. What is Teacher Lcag thar rgyal teaching you all?
F: དགེ་རྒན་ལྕག་ཐར་རྒྱལ་གི་ངད་ཆའོ་འ་བོད་ཡིག་གི་ལོ་རྒྱུས་སྐོར་ཁྲིད་གོ་ནི་རེད།
Teacher Lcag thar rgyal is teaching us about Tibetan history.
M: ཨོ་རེད། ཁྱོས་ནངས་ཇ་ཨེ་འཐུང།
Oh, right. Have you had morning tea (i.e., breakfast)?
NOTES:
the male speaker, speaking nomad dialect, says ཨུ་ for the question particle, whereas the female speaker, speaking farmer dialect, says, ཨེ་ .
F: ངས་ད་རུང་ནངས་ཇ་མ་འཐུང།
I still haven’t had morning tea.
M: ཨོ་དེ་རེད། ངས་འདི་ན་བག་ལེབ་ཆ་ཙིག་ཉོས་བཞག། ཁྱོས་ཅིག་ཟོ་རེ།
Oh, right. Here, I have some bread I bought. Will you eat a little?
NOTES:
ཉོས་བཞག is the same as ཉོས་ཡོད་. The ཟོ་རེ is not an imperative, but the “let’s Verb” construction.
F: ཡ་དུ་ན་ཆོག་གི། ཁྱོའི་འདི་བལྟས་ན་ཞིམ་པོ་ཟིག་ཡོད་གི་ར། ཁྱོད་གང་ནས་ཉོས་ནས། འདི།
Oh then, OK. [I] think your [bread] looks good, but where did you buy it, this?
NOTES:
the “but” is indicated by the ཡོད་གི་ར་ . The pronoun “I” is implied by the བལྟས་ན་, the agent of which is “I.”
M:ངས་འདི་འུ་ཆ་འོ་སློབ་གྲའི་ཚོང་ཁང་ནང་གི་ཉོས་ནི་ཡིན།
I bought it at our school’s store.
F: ཨོ་རེད་ཡ། ཁྱོ་དེ་རིང་སློབ་ཁྲིད་འདྲ་མེད་ར།
Oh, right. You don’t have any classes today, do you?
NOTES:
Noun-འདྲ་ means either Noun-༷ཟིག་ or Noun-རིགས་ , “a noun” or “a kind of noun” or “any nouns.” Mainly means “any” implying various choices, but has lots of other meanings. For example, ཁྱོད་འ་ཟ་རྒྱུ་འདྲ་མེད་ལ། “Don’t you have anything to eat?”
M: མེད། ང་དེ་རིང་སློབ་ཁྲིད་མེད། ཆུ་རེ། ཁྱོ་རོགས་འདྲ་བྱ་དགོ་ནི་མ་ར།
No, I don’t have any classes. Why, do you need help with anything?
NOTES:
what is the ma ra? it means “min na”? བྱ་ could also be བཅའ་
ཇ་འདྲ་མཐུང་གོ་ནི་མ་ར། do you need some tea?
F: དེ་ན་འགྲིག་གི་ཡ།
Then, good,
འུ་གཉིས་ག་གན་གི་སློབ་གྲའི་ཟ་ཁང་ནང་སོང་། ཟ་མ་ཟིག་ཟ་རྒྱུ་ན། གན་ན་ཟ་མ་ཞིམ་པོ་ཟིག་ཡོད་གི་ར། དེ་རིང་ངས་ཁྱོ་མགྲོན་ཡེ།
We’ll go to that school restaurant and should we eat [there]?, the food is good there, and so today I’ll treat you.
NOTES:
The “so” is implied by the ཡོད་གི་ར་, which is the reason she’ll treat him.
the na is a question, used like chog gi
M: དེ་ན་ཆོག་གི་འུ་གཉིས་ག་འགྱོ།
OK, let’s go.
F: ཡ་ཨ་རོ། ད་ཐེངས་ཁྱོ་རྒྱལ་སྥྱིའི་དུས་ཆེན་ནས་ཡུའུ་ཨེ་སོང།
Hey, did you go home for the national holiday this time?
Note: she says international holiday although she means national holiday. she also says nas although it should be na.
M: ང་ཡུའུ་འ་མ་སོང་ཡ། ཡུའུ་འ་འགྱོ་ཁོམ་མ་ཡོད་ཐལ།
Uh, I didn’t go. I didn’t get time to go home.
NOTES:
the “Uh” is indicated by the ཡ་ of མ་སོང་ཡ་, which has no real meaning.
F: དེ་ན་ཉི་མ་བཅུ་ཐམ་པ་ཡོད་གི་མོ། དེའི་རིང་ང་ཁྱོས་ཆུ་ཟིག་ཡས་བསྡད་ནི།
Well, it was 10 days. For that long, what did you do?
NOTES:
or is it ཁྱོས་ཆི་བཅའ་གི་བསྡད་ནིས།
future question is ཁྱོས་ཆི་བཅའ་ཡས་འདུག་རྒྱུས། what will you be doing?
M: ད་ལན་ཀྲོ་ནས་ཐུར་ར་ངའི་སློབ་གྲོགས་ཆ་ཙིག་ལྟ་གི་ཡོང་ནི་ར། དེ་ནས་ཉི་མ་ཁུ་རེ་གཉིས་རེ་ཟིག་ག་ངས་ཁུ་ཆའོ་ཁྱིད་ནི་ར་གི། སྐུ་འབུམ་མ་མཇལ་གི་སོང་ནིས།
Well, some of my friends came down from Lanzhou to see me. Then, for a few days, I took them, and we went to
see Kumbum.
ཨ་ད། སྐུ་འབུམ་མ་མཇལ་གི་སོང་ན་ཡ། སྐུ་འབུམ་གི་ད་ལྷ་ཁང་ར་དགོན་ཆེན་ར། ཨ་ད་ངོ་མ་ཡ་མཚན་རེད་གོ ད་མཇལ་རྒྱུའོ་གི་ཏག་ཏག་རེད། ཞེ་གི་དད་པ་སྐྱེ་སྐྱད་ཟིག་རེད།
དེ་ན་ཁྱོ་སྐུ་འབུམ་མ་མཇལ་གི་ཨེ་སོང།
Ah ha, now, when we went to Kumbum, like, Kumbum, the temples and monasteries, wow, it is something really amazing. Being there, really, it’s something that makes your faith develop. So, have you gone to see Kumbum?
NOTES:
He says he came “down from Lanzhou” which doesn’t make sense because Xining is “up” from Lanzhou
ཉི་མ་ཁུ་རེ་གཉིས་རེ་ཟིག་ག་ for a few days
མཇལ་རྒྱུའོ་གི་ཏག་ཏག་རེད། there are a lot of things to see; sometimes དག་དག་ means “really” or “just right”, or sometimes more like “a lot”. The གི་ is not a 6th case, and is not actually required. Could also say ག་ here, or nothing.
the khyid ni should be nas, and it means khyid le
F: ང་འདིར་ཡོང་ནི་ལོ་གཉིས་ལོན་པུ་ད་དྲ། སྐུ་འབུམ་མ་ཁུར་རི་ཙིག་ག་མ་སོང།
I’ve been here for two years but haven’t been to Kumbum at all.
NOTES:
could also be ལོན་བུར་ཐ
some people say མས་ instead of མ་. ལོན་ means it’s been how long, same as འཁོར་. same as ལོང་ཐལ་ར་.
ཁུར་རི་ཙིག་ག་ only one
M: ཨོ་དིེ་ན་ད། ཁྱོ་དེའི་ད་ཅིག་འགྱོ་རྒྱུ་ན་ཧྲ་གི་ཡ།
Oh, well then, it would be good if you went.
F: ཨོ་ཡ། ང་ཅིག་འགྱོ་ན་འདོད་གི་ར། ད་རུང་དུས་ཚོད་ཁོམས་པ་ར་ཡོད་གི་མེད་གི ད་ཡོད་དུས་ཟིག་ག་འགྱོ་གོ་ག དེ་གི་ཁྱོས་ཆུ་ཟིག་བཅས་ཨ།
Oh, yeah, I do want to go but still there hasn’t been time. I’ll go when there is time. After that, what did you do?
NOTES:
དེའི་གི means དེ་གི་རྗེས་སུ་
ཡོད་དུས་ཟིག་ག
M: དེ་ནས་ད་ངས་ཁུ་ཆའོ་ཕྱིར་ར་ཁྱིད་ཡོང་ནི། ཕྱིར་ན་ཉི་མ་གཉིས་གསུམ་ཟིག་ག་ ངུ་ཆའོ་ཟི་ལིང་གི་གླིང་ཀ་ནང་ང་མྱིག་བཏང་ང་། Then, I brought them back, and for the next couple of days, we went around to some Xining parks.
ད་གླིང་ཀ་ནང་མྱིག་ནི་ར། ཨ་ད་ན་ད་དེང་རབས་གི་འཕྲུལ་ཆས་གི་རྩེད་ཆས་རྣམ་པ་སྣ་ཚོགས་ཡོད་ནི་རེད།
While we were walking around the parks, there were various kinds of modern amusement rides. ད་མྱི་མང་ནི། ད་ཏག་ཏག་ག་རྩེད་ས་ཟོར་མོ་རེད། ད་ངུ་ཆའོ་ཁམས་དྭངས་ཐལ།
Oh,[there were] many people, [it was] a really good place to play, we really enjoyed it
zor mo (bsor mo) means skyid po
khams dwangs thal means our elements were cleared up
khams dwangs sa – the place where you feel peaceful
དེའི་ནང་གི་དུ་ཆའོ་ཉི་མ་གཉིས་གསུམ་ཟིག་ག་རྩེད་ནིས། དེ་ནས་ད། ཕྱིར་ར་ཡོང་། དེ་ནས་ཁུ་ཆའོ་ཉོ་རྒྱུ་དྲ་མ་དྲི་མ་ཟིག་ཡོད་གི་ཟེར་གི
Doing like that, there, we played two or three days. Then, we came back, and they said they needed to buy a few things.
དེ་ནས་ངས་ཁུ་ཆའོ་ཁྲོམ་མ་ཁྱིད་ནིས། ཁུ་ཆའོ་ཉོ་རྒྱུ་དྲ་མ་དྲི་མ་ཟིག་ཉོས་ནིས། ཉི་མ་གཅིག་འདྲ་ཟིག་ག་ཉོས་ནི་རེད།
Then, I took them to the market, and for about a day they [looked around and] bought a few things.
དེ་ནས་དས་གཞུག་ནས་ངས་ཁུ་ཆའོ་ཕྱིར་ར་ལམ་མ་བཅུག་བཏང་ནས་ཡོང་།
Then, I sent them off and [I] came back.
NOTES:
ངེའི་གི་གཅིག་ means very
ཁམས་དངས་ཐ། means
དྲ་མ་དྲི་མ་ཟིག means a few, a little bit
F: ཁུར་ཆའོོ་སློབ་མ་རེད།
Are they students?
M: རེད། སློབ་མ་རེད།
Yes, they are students.
F: ཨོ་ཧོ།
Oh.
M: དེ་ནས་དེའི་ཕྱིར་ནས། ད་རུང་ཉི་མ། ད་རུང་གཞུག་ན་ཉི་མ་གཉིས་གསུམ་ཟིག་ལྷག་བསྡད་ཡོད་གི
Then, after that, still after that, there were still two or three days left.
ཉི་མ་གཉིས་གསུམ་པོ་དེའི་རིང་ཐུར་ར་ད། ངི་ཆ་འ་ལས་བྱ་མང་ནི་ར་ལས་བྱ་ཏག་ཏག་ག་བསྒྲུབ་དང་།
For those two or three days, because we had a lot of homework, I did only homework. ད་ཉི་མ་གཉིས་གསུམ་པོ་དུ་བཅས་ཚར་ཐལ་། ད་ངའི་ཡང་འདི་གུང་དསེང་ར་དེ་བཅས་ཚར་ཐ་ཡ།
Two or three days went by, and the holiday finished [with my] doing that.
NOTES:
དེའི་རིང་ཐུར་ར་ for that much time
F: ཨོ་ཧོ། ཁྱོས་སྐྱིད་པོ་ཟིག་བུད་སོང་ཟིག
Oh, you went [about your holiday] very happily!
M: ཨོ་ད་ངའི་གུང་གསེང་དུ་མོ་ཟིག་གི་ལོག་ཐལ། དེ་ན་ཁྱོད་ཡུའུ་འ་རྒྱལ་སྥྱིའི་དུས་ཆེན་ན།
Oh, my holiday was spent like that. So, did you go home, on the national holiday?
F: ང་ད་ཐེངས་ཡུའུ་འ་བུད་སོང་ནི།
I went home this time.
ཡུའུ་འ་བུད་སོང་ནི་རེད་དྲ། ཡུའུ་ད་འུ་ཆའོའི་ཟི་ལིང་གྲོང་ཁྱེར་ར་མི་འདྲ་གི། གནམ་གཤིས་འཁྱག་ནོ།
I did go home but our place is not like Xining, the weather is cold.
དི་གི་ཡུའུ་གི་བཟའ་བ་ཆའོ་ད་ཞེ་གི་ཁོམ་གོ་མེད་གི
And, the families in our place don’t have a lot of free time.
ད་དེ་ཆའོ་ལྟས་གྱང་ན་ད། འུ་ཆའོ་ད་འདི་ན་སྐྱིད་རྒྱག་གོ་གི
Compared to them, here we have fun.
གྱང་ means བཏང་
M: ངོ་མ། ད་ཡུའུ་འུ་ཆའོ་ངེས་ངན་དཀའ་ལས་མྱོང་གི་འདུག་གི། དེ་ད་ཡིན་ནི་རེད།
It’s true, our place really experiences hardship. It is so.
F: ཨུན་ཨུ། ཨ་རོགས། ཁྱོས་ཟ་མ་ཆུ་ཟིག་ཟ་རྒྱུ།
Mm hmm. Hey, what will you eat?
M: ཨ་ཁྱོས་འདི་ན་ཟ་མ་ཞིམ་པོ་ཟིག་ཡོད་རྫས་ནི་མིན་ནས།
Ah, weren’t you saying that there is one delicious dish here?
F: དེ་རིང་མེད་གི། འུ་གཉིས་ག་ཙུ་གེ་ཟིག་འགོར་སོང་ཟིག་ཡ།
Today there isn’t [any left]. We’re a little bit late [to order that].
M: ད་མེད་ཙིག་གི། འུ་གཉིས་གིས་གཞན་པ་ཟིག་འཐུང་།
If not, let’s eat something else.
F: ཡ་དེ་ན་འུ་གཉིས་གིས་འཐེན་ཐིག་འཐུང་རྒྱུས།
Yeah, so, should we eat noodle soup?
M: ཨ་ད་འཐེན་ཐིག་འཐུང་ན་ཆོག་གི།
Oh, it’s OK if we eat noodle soup.
F: ཡ། ངི་གཉིས་ག། འཐེན་ཐིག་གཉིས།
Yeah, we [want] two noodle soups.
[Chinese waiter]: 好 OK!
M: ཡ། ལྷ་མོ་འདེ་ཤོག་ར། འདི་ན་ཙོག་ས་ཟིག་ཡོད་གི། འུ་གཉིས་ག་འདི་ནས་འདུག་ག་རེ།
Yeah, Lhamo, sit here, here’s a seat, we’ll sit here.
F: ཡ། དེ་ན་འུ་གཉིས་ག་དེ་ནས་འདུག། ཁྱོ་གློག་ཀླད་ཟིག་ཡོད་ནི་ཨེ་ཡིན།
Yeah, so we’ll sit here. Do you have a computer?
M: ང་གློག་ཀླད་ཟིག་ཡོད་ཡ།
Hm, I sure do have a computer.
F: དེང་སེང་ད་སློབ་མ་ཟིག་ག་གློག་ཀླད་ཡོད་ན་ད་སྲ་གི་ཡ། ལྷག་པར་དུ་འུ་ཆའོ་མཚོན་ད་ན་ལས་བྱ་འབྲི་རྒྱུ་མང་ཙིག་གི་གློ་ཀླད་ད་དགོ་གི་ཡ།
Nowadays if students have a computer it’s good. Especially, taking us as an example, because there’s a lot of homework, a computer is necessary.
mang tsi gi = mang no gi OR mang na as per above (med tsi gi)
M: ཨོ་ལེ། ད་སློབ་མ་ཟིག་ཡིན་དུས་གློག་ཀླད་ད་མེད་ས་མི་འགྱོ་གི་ད། རེད་དྲ་ད་སློབ་མ་ར་མང་ཆེས་བ་ད་གློག་ཀླད་ཡོད་གི་གོ
Right. Now, when you’re a student you can’t not have a computer. Yep, now most students have computer.
F: ཨུན་ཨུ། དེ་ན་ཁྱོས་གློག་ཀླད་ཕྱོགས་ག་ཙུ་གེ་ཟིག་ཆ་རྒྱུས་ཡོད་རྒྱུ་རེད།
Mm hm. So, you must have a bit of experience [familiarity like ལོབ་] with computers?
M: ཆ་རྒྱུས་མང་བོ་མང་བོ་ཟིག་མེད་གི་ར། ད་དེ་མོ་ཟིག་རེད་ད།
Well, I don’t have a lot of experience, … like that.
F: དེ་ན་དེང་སང་གློག་ཀླད་སྤྱི་ཚོགས་ཐོག་ན། ཆེས་བཀོལ་སྤྱོད་ཆེས་ནོ་གི་གློག་ཀླད་དེ་ཅན་པོ་ཆི་གི་ཡིན་ནི་རེད། ད་ཙུ་གེ་ཟིག་ཨ་རྫ་བོ་ཅན་པོ་ཟེར་དགོ་ནི་ར།
Nowadays in a computer society, which types of computer are the most used? Which are said to be the better types?
M: ད་ཐེངས་སང་ཅིག་གིས། ཨེ་མོ་བརྩི་གི་བསྡད་ནོའུ་གློག་ཀླད་ཀུ་ཤུ་རྟགས་ཅན་པོའི་གློག་ཀླད་ད་ཅིག་གི་་་་ཆེས་དགའ་བོ་རེད་ཟེར་གི་སྡོད་གི་ རེད་དྲ་ད་རུང་མྱི་ར་མང་བ་ཟིག་གི་བེད་སྤྱོད་གི་སྡོད་གི། དེ་ད་ཅིག་མཛའ་སེ་བོ་ཡིན་ཁལ་ཟིག་རེད་
Well, nowadays… The computer considered the best, the apple brand computers are said to be the favorite. Yeah, still lots of people want to use [Apple]; it’s probably the good one.
sdod is not rel. to ‘dug here, it just means yod gi
མཛའ་སེ་བོ་ means good
F: ང་ཆའོ་འཛིན་གྲའི་ནང་ན་མཚོན་བསྡད་ན་སློབ་མ་མང་བ་ཟིག་གིས་གློག་ཀླད་ཉོས་བཞག་གི་ཡ།
Yep, in our class, for example, many students have bought computers.
ང་ཆའོ་ལས་བྱ་འབྲི་རྒྱུ་མང་ཙིག་གི་གློག་ཀླད་མེད་ན་བ་གི་མེད་གི
Since we have lots of homework, it can’t be done without a computer.
རེད་དྲ་ར་ཁེ་ཉིན་ཁར་ངུ་ཆ་འོ་གཟའ་འཁོར་སྔོན་མ་ར་
Yeah, the other day…
ངུ་ཆའོ་སློབ་གྲོགས་ཟིག་གི་གློག་ཀླད་ཉོས་ནི་རེད་དྲ། དེ་ཉི་མ་ཆ་ཙིག་མིན་ད་མ་འགོར་ར་ཡང་གློག་ཀླད་ཆག་སོང་ནི། ཕྱིར་ར་ལས་ཁུངས་འ་སོང་ནི་འོར་རྗེས་བཅས་ནི་རེད།
M: ཨ་ཨ་དེ་མོ་ཟིག་ཡིན་དུས་མི་སྲ་གི་གོ ཁུར་དགེ་སོ་མ་ཉོས་ནི་ཨེ་རེད།
F: རེད་ཡ། སོ་མ་ཉོས་ནི་རེད།
Yes, bought it new.
M: ཨ་ད་འུ་གཉིས་ག་དེ་མོ་ཟིག་ག་ཟོ་མི་ཁུས་ཡ།
May this not happen to the two of us
ཟོ་ means zig here. ཁུས་ means ཐུག་་་ eg. hit the tqrget
F: ཨོ་ཡ་ད་ངས་ཅིག་ཉོ་ན་འདོད་གི་ར་ཁྱོས་རོགས་ཟིག་མི་བཅའ།
Oh yeah, if I want to buy one won’t you help me?
M: ངས་ད་རོགས་བཅའ་ནི་རེད་དྲ། དེ་ཡིན་དུས་ད་ག་རེད་་་་། འུ་གཉིས་གས་ད་རུང་ཚེ་རིང་འཁྱིད་ནིས་འགྱོ་རྒྱུ་ན། ཚེ་རུང་ཁུར་དགེ་གློག་ཀླད་ཆེད་ལས་ཡིན་ནི་རེད། ཁུར་དགེ་ཞེ་གི་གློག་ཀླད་ལྟ་ར་ཤེས་གི། ད་འུ་གཉིས་གིས་ཁུར་དགེ་ཨེ་ཁོམ་གི་ལྟ་རེ།
I will help, but how? How about if we go with Tserang? Tserang’s major is computers. He really knows how to look at computers [ie analyze and shop]. Let’s go see if he’s busy
F: ཨོ་ཡ་དེ་ཆོག་གི་རེད་དྲ། ཡང་ང་ཚེ་རིང་ང་ཁྱོའི་དེ་མོ་ཆ་རྒྱུས་མེད་ཙིག་གི། ཁྱོས་ང་རོགས་ཙིག་བཅས་ནི་ཁུར་དགེ་འ་བཤད་ན་བ་རྒྱུ་རེད།
Sure, I don’t know Tserang as well as you so it will be possible if you help me talk to him
M: དེ་ད་ལོས་བ། ངས་ཁུར་དགེ་བཤད་ར་བཏང། དེ་འཕྲོད་ཁུ་དགེ་སློབ་ཁྲིད་མེད་ན། ངས་ཁུ་དགེ་ཁ་པར་བཏང་ནས་སློབ་ཁྲིད་ཨེ་ཡོད་གི་འདྲི་ར། ཁུ་དགེ་སློབ་ཁྲིད་མེད་ན་ད་རོགས་བཅའ་ནི་རེད། ངས་ཁུ་དགེ་རྫོད་ར་དྲ་ མི་བ་རྒྱུ་ཡོད་ནི་མ་རེད།
Of course I’ll talk to him. If he has no class later, I’ll call and ask him if he has class. If he has no class he’ll help. It will be possible
F: ངས་ད་རག་གོ། ཚེ་རིང་ཁྱེད་གཉིས་ག་འཛིན་གྲ་གཅིག་ཡིན་འདོད་ལ་ར། ཁྱེད་གཉིས་ག་འཛིན་གྲ་གཅིག་མིན་ནིས།
I until now…. [I] thought Tserang and you were in the same class. Aren’t you in the same class?
M: མིན། ངེད་གཉིས་ག་རྒྱུན་གི་འགྲོག་སྡད་ཡོད་ནོ་མ་གཏོགས་འཛིན་གྲ་གཅིག་ནི་མ་རེད།
No, except for usually being together, we’re not in the same class.
F: ཡ་དེ་ན། དེ་འཕྲོད་ཁྱོས་ཚེ་རིང་ཅིག་ཤོད་འ་།
Yeah, after this, you talk to Tserang.
M: ཡ་ངས་དེ་ཕྲོད་ཁ་པར་རྒྱག་ག། ཁུ་དགེ་སློབ་ཁྲིད་མེད་ན་ད་ཁུ་དགེ་བ་མི་བ་ཡོད་ནི་མ་རེད།
Yeah, I’ll phone him after this. If he doesn’t have class, he’ll definitely be able.
F: ཡ་ཡ། དེ་ན། ད་ཟ་མ་ཟོ་ཡ།
Yeah, … then let’s eat.
za ma zo seems unnatural. Natural would be: gcig ‘thung, gcig zo ya
M: ཡ་ད་འུ་གཉིས་གིས་ཟ་མ་ར་ཐོན་ཐལ་ འུ་གཉིས་གས་སྔོན་ན་ཟ་མ་ཟ་རེད་དྲ།
Yeah, our food is here, let’s eat first.
F: ཡ་ཡ།
M: དེ་ནས་ད་འགྱོ།
F: ད་ཐེངས་གི་བྱ་བ་འདི་ད། ཁྱོ་འ་ཐུག་བསྡད་ཡོད་གི། ཁྱོད་མིན་འདའ་ད། ང་བྱུང་འདི་ན་རོགས་པ་ར་མེད་ར།
This time, the job… It’s depending on you. Except for you…, I don’t have any other helpers at all.
thug bsdad yod gi = rag las gi
min ‘da’ = ma gtogs [this is rong skad]
byung = rtsa ba nas / gtan nas
byung nas / byung gi … song ma myong
M: རོགས་ད་ལོས་བཅའ་ཡ། བཤད་རྒྱུ་མེད། ད་ཁྱོས་སྔོན་ན་ཟ་མ་ཟོ་དྲ་ར། ཁྱོད་སློབ་ཁྲིད་གྲོལ་ཙིག་གི་ངས་ཁྱོད་ཁ་པར་རྒྱག་ཡ། དེ་ནས་ད། དེ་དུས་ད་ཁྱོད་ཤོག་དྲ། དེ་སྩ་གི
Yeah, of course I’ll help. You don’t need to ask. First, you eat. When your class gets out, I’ll call you. Then, you come… easy.
F: ཡ་དེ་ན་ཁྱོད་དཀའ་ལས་ཟིག་གཏད་བཏང་ང་།
Yeah, then I’ve given you some difficulty
M: དེ་སྐྱོན་མེད་གི
It’s no problem
F: ཡ།
Yeah.
